Wednesday, December 8, 2010

The Words of Karmapa


Welcome to http://www.words-of-karmapa.org/. As we know today is our special day for our Lineage. We have started to work with this project on this special day of the the Karmapa 900 Years http://karmapa900.org/ and we fully hope that we can translate some text into Chinese Language and English Language. Please, help us to collect more text from H.H. 1st Karmapa Dusum Khyenpa to H.H. 17th Karmapa Ogyen Trinley Dorje. We wished that we will success our aim as soon as possible and share to the world wide. Thanks... Khenpo Karma Namgyal

༈ སྙིགས་དུས་འགྲོ་བའི་དེད་དཔོན་ཆེན་པོ། རང་ཅག་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ། ༧་སྐྱབས་མགོན་རྒྱལ་བའི་དབང་པོ་༧་དཔལ་ཀརྨ་པ་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་དགོངས་བཞིན། སྐབས་འདིར་སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་གི་བསྟན་པའི་སྲོལ་འབྱེད་ཆེན་པོ་༧་དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དང་པོ་རྒྱལ་མཆོག་དུས་གསུམ་མཁྱེན་པ་འཇིག་རྟེན་དུ་བྱོན་ནས། མི་ལོ་དགུ་བརྒྱ་ཧྲིལ་པོར་འཁོར་བའི་དུས་དྲན་སྲུང་རྩིས་དགོས་རྒྱུར། ཀརྨ་པ་དགུ་བརྒྱའི་དུས་དྲན་ཚོགས་ཆུང་(www.karmapa900.org)ནས་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་ལྟར། དེང་གི་དུས་རབས་གསར་པ་ལ་མིག་ལྟོས་ཡར་འདྲེན་གྱི་ལམ་ཡངས་པོར་ཕྱེ་བ་དང་སྟབས་བསྟུན། གུས་ཅག་བལ་ཡུལ་ཀརྨ་ལེགས་བཤད་གླིང་ནས་དད་གུས་སྤྲོ་གསུམ་གྱི་སྒོ་ནས། སྤྱི་ལོ་༢༠༡༠་ཟླ་༡༢་པའི་ཚེས་༨་ཉིན་ནས་དབུ་བཙུགས་སྟེ། རྒྱལ་མཆོག་དུས་གསུམ་མཁྱེན་པ་ནས་ཀར་རབས་རིམ་བྱོན་གྱི་གསུང་འབུམ་ཡིག་ཆ་ཇི་སྙེད་ཅིག་ལག་སོན་འབྱུང་རིམ་བཞིན་གློག་ཀླད་དཔེ་མཛོད་དུ། (www.words-of-karmapa.org)ཀར་རབས་གསུང་འབུམ་གྱི་དམིགས་བསལ་དྲྭ་རྒྱ་གོ་བསྒྲིགས་ཞུ་རྒྱུ་ཡིན་ཅིང༌། ད་ལྟའི་ཆར་གསུང་འབུམ་ཡིག་ཆ་ཆ་ཤས་ཐོབ་པ་ལ། རྗེ་རང་བྱུང་རྡོ་རྗེ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། ཀུན་མཁྱེན་མི་བསྐྱོད་རྡོ་རྗེ། རྗེ་བཙུན་དབང་ཕྱུག་རྡོ་རྗེ། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་བཅས་ཀྱི་གསུང་འབུམ་ཅི་རིགས་ཐོབ་ཟིན་པ་རྣམས་ལག་བསྟར་དངོས་སུ་འཇུག་བཞིན་པ་དང༌། ཕྱོགས་མཚུངས་མ་དཔེ་དཀོན་རིགས་རྣམས་འཐོབ་རྒྱུ་ཧ་ཅང་དཀའ་ངལ་ཆེ་བས། ཀར་རབས་གསུང་འབུམ་དང་ཡིག་ཆ་རྒྱས་བསྡུ་ཇི་ལྟར་རུང༌། མ་དཔེ་གཡར་གནང་འབོད་བསྐུལ་ཞུ་རྒྱུ་ཡིན། དེ་ཡང་ཀར་བསྟན་ལ་ལྷག་བསམ་རྣམ་དག་ཡིན་ཁུལ་ལས། ཚོང་ལས་སོགས་ཀྱི་ཆེད་གཏན་ནས་མིན་པས་དགོངས་འཇགས་འཚལ།

སྤྱི་ལོ་༢༠༡༠་ཟླ་༡༢་པའི་ཚེས་༨།

ཀརྨ་པ་དགུ་བརྒྱའི་དུས་དྲན་སྲུང་རྩིས་ཉིན་མོར།

ཀརྨ་ལེགས་བཤད་གླིང་དམ་ཆོས་འབྱུང་གནས་(www.dharmadownload.org)གློག་ཀླད་སྡེ་ཚན་ནས་གསོལ་བ་འདེབས་པ་ལགས་སོ།།

No comments:

Post a Comment